• གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ལ་ཇི་ལྟར་བཞུགས་པ་ཡིན་ན་ཡང་། ད་ལྟ་དེ་ལྟར་བཞུགས་བཞིན་ཡོད་པའི་སྐབས། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། གཙོ་བོ་ང་ཡི་རྫི་བོ་ལགས། ཁྱེད་མཚན་དམ་པར་སྲུང་བར་ཤོག རྩྭ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་ཁྲིད་པར་མཛད། ཐར་བ་ཡང་ནི་གནང་བར་མཛད། སེམས་ཅན་ལམ་ཕྲེང་སྟོན་པར་མཛད། འཆི་ཉེན་ཡོད་སར་འགྲོ་དགོས་ན། ང་ལ་འཇིགས་པ་གང་ཡང་མེད། གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ཆད་ཁོང་ཉིད་ཀུན་དབང་དཀོན་མཆོག་ཡིན། ད་ལྟ་དེ་ལྟར་ཀུན་དབང་སྐྱབས་མགོན་ཡིན། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། གཙོ་བོ་ང་ཡི་རྫི་བོ་ལགས། ཁྱེད་མཚན་དམ་པར་སྲུང་བར་ཤོག རྩྭ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་ཁྲིད་པར་མཛད། ཐར་བ་ཡང་ནི་གནང་བར་མཛད། སེམས་ཅན་ལམ་ཕྲེང་སྟོན་པར་མཛད། འཆི་ཉེན་ཡོད་སར་འགྲོ་དགོས་ན། ང་ལ་འཇིགས་པ་གང་ཡང་མེད། གདོད་མ་ཉིད་ནས་ཇི་སྲིད་འཚོ་བའི་བར། སྔོན་ཆད་ཁོང་ཉིད་སྙིང་རྗེ་བྱམས་པ་ཡིན། ད་ལྟ་དེ་ལྟར་བྱམས་པའི་བདག་པོ་ཡིན། ཁོང་ཉིད་འགྱུར་ལྡོག་གཏན་ནས་མེད་པ་ལགས། ༢

    Unchanging

  • ༡ དྲིན་དྲིན་ང་ཡི་དཀོན་མཆོག་ཡེ་ཤུའི་དྲིན། དྲིན་དྲིན་ང་རང་མུན་ནག་འཚོལ་བའི་དྲིན། འཚོལ་བའི་དྲིན་གྱིས་དྲང་བདེན་ལམ་དུ་བཅུག དེ་ནི་ཐར་བ་ཐོབ་པའི་རྟགས་ཡིན་ལགས། ༢ དྲིན་དྲིན་ང་ཡི་གཙོ་བོ་ཡེ་ཤུའི་དྲིན། དྲིན་དྲིན་ང་རང་བྱམས་བརྩེ་སྙིང་རྗེའི་དྲིན། སྙིང་རྗེའི་དྲིན་གྱིས་དམ་པའི་ཐུགས་ཉིད་ཐོབ། དེ་ནི་བདེན་པའི་ཐུགས་ཉིད་རྟགས་ཡིན་ལགས། ༣ དྲིན་དྲིན་ང་ཡི་སྐྱབས་མགོན་ཡེ་ཤུའི་དྲིན། དྲིན་དྲིན་ང་རང་ཡབ་ཀྱི་ཁྲུས་གསོལ་དྲིན། ཁྲུས་གསོལ་དྲིན་གྱིས་སེམས་ལ་ཞི་བདེ་ཐོབ། དེ་ནི་སྡིག་པ་བསལ་བའི་རྟགས་ཡིན་ལགས།

    Jesus’ Favor

  • ༡ དེ་རིང་འདི་རུ་འཛོམས་པའི། སྐུ་མགྲོན་རྣམ་པ་ཚོ་ལ། ཡེ་ཤུའི་ལ་ནི་འཁྲུངས་སྐར་ཉིན་ལ། ལ་ནི། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། ༢ ༢ ང་ཚོ་གཞོན་ནུ་རྣམས་ནས། འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། སྐྱབས་མགོན་ལ་ནི་འཁྲུངས་སྐར་ཉིན་ལ། ལ་ནི། སྐྱིད་པའི་བསྟོད་དབྱངས་ཕུལ་ཡོད། ༢ ༣ འཛམ་གླིང་མི་དམངས་དཀྱིལ་ལ། ཁོང་ནི་སྐུ་གསོན་པོར་བཞུགས་ཡོད། ང་ཚོས་ཁོང་ལ་ཡིད་ཆེས་ནང་ནས། ཁོང་ལ་སྐྱིད་པའི་བསྟོད་དབྱངས་འབུལ། ༢

    Birth of Jesus

  • ༡ དེ་རིང་ཉི་མ་འདི་གཙོ་བོས་གནང་བ་རེད། ང་ཚོས་དགའ་དགའ་སྤྲོ་སྤྲོ་བྱེད། ༢ སྐྱིད་པོ་བྱེད། སྐྱིད་པ་ལ། ༢ ༢ ཁོང་དང་མཇལ་བའི་ཆེད་དུ། ང་ཚོའི་རྒྱལ་པོ་ལ་བསྟོད་དབྱངས་ཕུལ། ༢ སྐྱིད་པོ་བྱེད། སྐྱིད་པ་ལ། ༢

    Tering Nyima Di Dzow+Â Nangba Re

  • དམ་པའི་ས་ཆ་ལ། (ང་ཚོ)ལངས་ནས་བསྡད་ཡོད། ནམ་མཁའི་ཕོ་ཉ་ཚོགས་ཀྱང་འདི་རུ་བཞུགས་ཡོད། བསྟོད་དབྱངས་ཕུལ་ཞིག གཙོ་བོ་ཡེ་ཤུ་ལ། གཙོ་བོ་ཡ་ཧོ་ཝཱའི་མདུན་དུ། (ང་ཚོ)ལངས་བསྡད་ཡོད།

    Holy Ground (2)

  • ༡ དམ་པའི་ས་ཆ་འདིར། ང་ཚོ་ལངས་བསྡད་ཡོད། ཡེ་ཤུ་བཞུགས་པའི་ས་འདི་ནི། དམ་པའི་ས་ཆ་ཞིག་རེད། ༢ ༢ དམ་པའི་ཐུགས་ཉིད། ང་ཚོ་ལ་གནང་སོང༌། ང་ཚོའི་ལུས་ཕུང་འདི་ནི། ཁོང་གི་དམ་པའི་མཆོད་ཁང་ཡིན། ༢ ༣ ང་ཚོའི་ལག་པ་ནི། དཀོན་མཆོག་གིས་དམ་པར་མཛད། ང་ཚོའི་ལག་པ་ནས། ཁོང་གི་ཕྱག་ལས་མཛད་པར་འགྱུར། ༢

    This is Holy Ground (1)

  • དམ་པའི་ཐུགས་ཉིད་ཁྱེད་རང་ཕེབས་རོགས་ཞུ། དམ་པའི་ཐུགས་ཉིད་ཁྱེད་རང་ཕེབས་རོགས་ཞུ། ང་ཚོར་འདི་ནས་བསྟོད་འདོད་ཡོད། ཡེ་ཤུ་ལ་བསྟོད། ང་ཚོར་ཡེ་ཤུ་ལ་བསྟོད་འདོད་ཡོད། ༢

    Holy Spirit Come

  • དམ་པའི་ཐུགས་ཉིད་ང་འདི་ལ་བསྡད་ཡོད། དམ་པའི་ཐུགས་ཉིད་ངས་ཁྱེད་ལ་སྒུག་བསྡད་ཡོད། ༡ ཁྱེད་ཀྱི་སྣུམ་ང་ལ་ལྡུག་པར་མཛད་རོགས། ཁྱེད་ཀྱི་སྣུམ་ང་ལ་ད་ལྟ་ལྡུག་པར་མཛད་རོགས།  ༢ ཨིམ་མ་ནུ་ཨེལ་ང་གཅིག་པོ་མ་རེད། ཨིམ་མ་ནུ་ཨེལ་ཁྱེད་ང་དང་མཉམ་དུ་བཞུགས།

    Holy Spirit, I’m Waiting for You

  • དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ཡིན་པའི། གཙོ་བོ་ཡེ་ཤུ་ཡི་གཤིས་ཀ་ནི། ༡ བྱམས་པ། དགའ་སྤྲོ། ཞི་བདེ། བཟོད་བསྲན། སྙིང་རྗེ། གཅེས་སེམས། གཤིས་དྲང་། གཤིས་འཇམ། རང་ཚོད་ཟིན་པ། ༢ ༢ དམ་པའི་ཐུགས་ཉིད། ངའི་དཀོན་མཆོག གཙོ་བོ་ཡེ་ཤུ། ངའི་སྐྱབས་མགོན། ངའི་གཤིས་ཀ་བསྒྱུར་བར་མཛོད། གཙོ་བོ་ཡེ་ཤུ་ནང་བཞིན། ༢

    Fruits of the Holy Spirit

  • དམ་པ། དམ་པ། དམ་པའི་དཀོན་མཆོག ང་ཡི་སྡིག་པ་དགོངས་དག་ཞུ་རྒྱུ་ཡིན། གཙོ་བོ་ཡེ་ཤུ་ཡི་སྐུ་ཁྲག་བརྒྱུད་ནས། ང་ཡི་སྡིག་པ་འདི་གཙང་མར་བཟོ་རོགས་གནང༌། དམ་པ། དམ་པ། དམ་པའི་དཀོན་མཆོག  ༢

    Holy God

  • དད་པའི་སྨོན་ལམ་དེ་ནི། ནད་པ་ལ་ཕན་ཡོང་། ༢ ན་ཚ་ཅི་ཞིག་ཡོད་ཀྱང་། ཡེ་ཤུས་དྲག་པར་མཛད་ཡོང་། ༢

    The Prayer of A Righteous Person

  • ༡ དད་པ་ཡེ་ཤུ་ལ་བྱེད་ན། སྡིག་པ་ནས་ཐར་བ་འཐོབ་ཡོང་། སྡིག་སེལ་ཡེ་ཤུ་ལ་ཞུས་ན། སྡིག་སེལ་ཁོང་གིས་གནང་ཡོང་། སྡིག་སེལ་ཡེ་ཤུ་ལ་ཞུས་ན། སྡིག་སེལ་ཁོང་གིས་གནང་ཡོང་། ༢ དད་པ་ཡེ་ཤུ་ལ་བྱེད་ན། མི་ཚེ་གསར་བ་འཐོབ་ཡོང་། བསྟོད་གཞས་ཡེ་ཤུ་ལ་འབུལ་ན། བསྟོད་གཞས་ཁོང་གིས་གསན་ཡོང་། བསྟོད་གཞས་ཡེ་ཤུ་ལ་འབུལ་ན། བསྟོད་གཞས་ཁོང་གིས་གསན་ཡོང་། ༣ དད་པ་ཡེ་ཤུ་ལ་བྱེད་ན། འཆི་བ་ནས་ཐར་བ་འཐོབ་ཡོང་། དབང་ཡེ་ཤུ་ལ་ཞུས་ན། དབང་ཁོང་གིས་གནང་ཡོང་། དབང་ཡེ་ཤུ་ལ་ཞུས་ན། དབང་ཁོང་གིས་གནང་ཡོང་།

    If You Believe