Root/ trace

The Tower of Babel

TBWorld

༄༅།། དེ་ནས་ཡུན་རིང་མ་སོང་བར། ས་གཞི་སླར་ཡང་མི་ཡིས་ཁེངས་ཤིང༌། མི་ཚང་མས་སྐད་རིགས་གཅིག་གི་ཐོག་ནས་གླེང་མོལ་བྱེད་བཞིན་ཡོད། མི་རྣམས་ཀྱིས། ང་ཚོས་ཐོག་བརྩེགས་ཅན་གྱི་ཁང་པ་ཡོད་པའི་གྲོང་ཁྱེར་ཞིག་བསྐྲུན་ནས་ང་ཚོ་རླབས་ཆེན་པོ་ཡིན་པ་མངོན་པར་བྱེད་ཅེས་སྨྲས། རང་རློམ་ཆེ་བའི་མི་དེ་རྣམས་ཀྱིས་རང་ཉིད་དཀོན་མཆོག་ལས་ཀྱང་རླབས་ཆེ་སྣང་ཤར། བླ་ན་མེད་པའི་དཀོན་མཆོག་མཉེས་པོ་མ་བྱུང་སྟེ་མི་རྣམས་ཀྱི་སྐད་རིགས་ལ་འགྱུར་ལྡོག་བྱས་པ་རེད། མི་རྣམས་ཐོག་བརྩེགས་ཅན་གྱི་ཁང་པ་མཐོན་པོ་བསྐྲུན་མཚམས་བཞག་ནས། ས་གནས་མི་འདྲ་བ་ལ་ཁ་འཐོར་དུ་ཕྱིན། མི་རྣམས་ཀྱིས་གྲོང་ཁྱེར་དེ་ལ་པ་པེལ་ཞེས་རྙོག་འཛིང་གི་གྲོང་ཁྱེར་ཞེས་བོས། དེ་ནས་བཟུང་མི་རྣམས་ས་གནས་མི་འདྲ་བ་ལ་བསྡད་པ་དང༌། ས་གནས་སོ་སོའི་སྐད་རིགས་མི་འདྲ་བ་འཆད་ཀྱིན་ཡོད་དོ།།

༡ དཀོན་མཆོག་ཐོག་བརྩེགས་ཅན་གྱི་ཁང་པ་བསྐྲུན་མཁན་གྱི་མི་རྣམས་ལ་མཉེས་པོ་བྱུང་ཡོད་དམ།
༢ དཀོན་མཆོག་གིས་མི་རྣམས་ཀྱི་སྐད་རིགས་འགྱུར་བ་བྱས་པའི་རྒྱུ་མཚན་ཅི་ཡིན།

Kham Tibetan

Evangelization, Faith, maps-no-list, Salvation, Story Telling and Stories

Leave a Reply