Root/ trace

172

Song of Creation

TBWorld

༡   ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     འཇིག་རྟེན་འདི་བཞིན་ཅི་འདྲས་བྱུང་།།
     འཇིག་རྟེན་བཀོད་མཁན་སུ་ཡིན་ནམ།།
     ཐོག་མར་བཀོད་པ་ཅི་ཞིག་ཡིན།།
     བཟང་ངན་དབྱེ་བ་ཡོད་དམ་མེད།།
     གླུ་ཞིག་བླངས་ནས་དྲིས་པ་ཡིན།།

༢  ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     འཇིག་རྟེན་འདི་བཞིན་སྟོང་པ་ཡིན།།
     འཇིག་རྟེན་བཀོད་མཁན་དཀོན་མཆོག་ཡིན།།
     སྔོན་ལ་བཀོད་པ་ཕོ་ཉ་ཡིན།།
     སྐབས་དེར་བཟང་པོ་ཁོ་ན་ལས།།
     ངན་པའི་མིང་ཙམ་མེད་པ་ཡིན།།

༣  ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     རྒྱུག་ཆུ་རྒྱ་མཚོ་ཅི་ཡང་མེད།།
     ས་གཞི་ཆེན་པོ་ཅི་འདྲས་བྱུང་།།
     རྒྱ་མཚོ་ཆེན་པོ་ཅི་འདྲས་བྱུང་།།
     རྩྭ་དང་རྩི་ཤིང་ཅི་འདྲས་བྱུང་།།
     གླུ་ཞིག་བླངས་ནས་དྲིས་པ་ཡིན།།

༤  ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     རྒྱུག་ཆུ་རྒྱ་མཚོ་ཅི་ཡང་མེད།།
     མཚོ་དང་མཚེའུ་ཅི་ཡང་མེད།།
     དཀོན་མཆོག་བཀའ་བཞིན་ས་གཞི་བྱུང་།།
     རྩྭ་དང་རྩི་ཤིང་སྐྱེ་རུ་བཅུག།
     རྒྱ་མཚོ་ཆེན་པོའི་ངོ་བོ་བྱུང་།།

༥  ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     ཉི་ཟླ་སྐར་གསུམ་ཅི་ཡང་མེད།།
     ས་དང་རྒྱུ་སྐར་ཅི་ཡང་མེད།།
     ཉི་ཟླ་སྐར་གསུམ་ཅི་འདྲས་བྱུང་།།
     འདི་ཡི་མཛད་མཁན་སུ་ཡིན་ནམ།།
     གླུ་ཞིག་བླངས་ནས་དྲིས་པ་ཡིན།།

༦  ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     ས་དང་རྒྱུ་སྐར་ཅི་ཡང་མེད།།
     ཉི་མ་ཟླ་བ་གང་ཡང་མེད།།
     ཉི་ཟླ་སྐར་གསུམ་མཛད་མཁན་དེ།།
     བླ་ན་མེད་པའི་དཀོན་མཆོག་ཡིན།།
     ཁོང་གི་བཀའ་བཞིན་ཐམས་ཅད་བསྐྲུན།།

༧  ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     དུད་འགྲོ་ཕྱུགས་དང་རི་དྭགས་མེད།།
     ས་ལ་གནས་པའི་འབུ་སྲིན་མེད།།
     འབུ་སྲིན་ཐམས་ཅད་ཅི་འདྲས་བྱུང་།།
     བྱ་དང་ཉ་རིགས་ཅི་འདྲས་བྱུང་།།
     གླུ་ཞིག་བླངས་ནས་དྲིས་པ་ཡིན།།

༨  ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     དུད་འགྲོ་ཕྱུགས་དང་རི་དྭགས་མེད།།
     ས་ལ་གནས་པའི་འབུ་སྲིན་མེད།།
     བྱ་དང་ཉ་རིགས་གང་ཡང་མེད།།
     དཀོན་མཆོག་བཀའ་ལས་དེ་དག་བྱུང་།།
     རང་རང་རིགས་བཞིན་འཕེལ་དུ་བཅུག།

༩  ཀ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     ཁྱོད་ནི་མེད་ལ་ང་ཡང་མེད།།
     འཇིག་རྟེན་མིའི་རིགས་སུ་ཡིས་བཀོད།།
     ཕོ་མོའི་དབྱེ་བ་ཅི་འདྲས་བྱུང་།།
     མི་ཡི་ལས་དོན་གང་ཡིན་ཤོད།།
     གླུ་ཞིག་བླངས་ནས་དྲིས་པ་ཡིན།།

༡༠ ཁ འཇིག་རྟེན་འདི་བཞིན་མ་བཀོད་སྔོན་ལ།།
     ཁྱོད་ནི་མེད་ལ་ང་ཡང་མེད།།
     དཀོན་མཆོག་ཁོང་གིས་མིའི་རིགས་བཀོད།།
     འཇིག་རྟེན་ཁམས་འདི་སྐྱོང་རྒྱུའི་ཕྱིར།།
     ཁོང་གིས་སྔོན་ལ་ཕོ་ཞིག་བསྐྲུན།།
     སྐྱེས་པ་དེ་ལ་ཆུང་མ་བསྐྲུན།།

172

Kham Tibetan

172

Leave a Reply