• ༡ གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ། ཁྱེད་ནས་ལ་ནི་ང་ལ་ཡ་འ་ལ་ཐར་པ་བྱུང་། ༢ ༢ གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ། ང་ཡིས་ལ་ནི་ཁྱེད་ལ་ཡ་འ་ལ་བསྟོད་པ་ཕུལ། ༢ ༣ ཧཱ་ལེ་ལུ་ཡཱ། ཡེ་ཤུ་མཱ་ཤི་ཀ་ལ། ཁྱེད་ནས་ལ་ནི་ང་ལ་ཡ་འ་ལ་ཐར་པ་བྱུང་། ༢ ༤ ཧཱ་ལེ་ལུ་ཡཱ། ཡེ་ཤུ་མཱ་ཤི་ཀ་ལ། ང་ཡིས་ལ་ནི་ཁྱེད་ལ་ཡ་འ་ལ་བསྟོད་པ་ཕུལ།། ༢

    O Lord Jesus Christ Messiah

  • ༡ གཙོ་བོ་ཡེ་ཤུ་ལ་ཐུགས་རྗེ་ཆེ། ངའི་དོན་རྒྱངས་ཤིང་ཁ་ལ་གྲོངས་པ་རེད། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཨ་མེན། ༢ ༢ གཙོ་བོ་ཡེ་ཤུས་ངའི་སྡིག་པ་སེལ་གནང་སོང་། ངའི་སེམས་གཏིང་ནས་ཁོང་ལ་བསྟོད་པ་ཕུལ་བ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཧཱ་ལེ་ལུ་ཡཱ། ཨ་མེན།། ༢

    Thank You, Lord Jesus

  • ༡ གཙོ་བོ་ཕེབས་བྱུང་འཇིག་རྟེན་དགའ་བར་ཤོག འཛམ་གླིང་རྒྱལ་མཆོག་སྤྱན་དྲོངས། ཀུན་གྱིས་ཡིད་སེམས་གྲ་སྒྲིག་བྱེད་དང་། ཕོ་ཉ་དང་མིས་མགུར་ལེན། ཕོ་ཉ་དང་མིས་མགུར་ལེན། ཕོ་ཉ་དང་མི་ཡིས་མགུར་གླུ་ལེན། ༢ སྐྱབས་མགོན་དབང་མཛད་ཐམས་ཅད་དགའ་བར་ཤོག མི་རྣམས་ཐམས་ཅད་གླུ་ལེན། དེ་དུས་རི་ཐང་ཆུ་བོ་དང་བྲག དགའ་མགུ་སྒྲ་ཡི་བྲག་ཆ། དགའ་མགུ་སྒྲ་ཡི་བྲག་ཆ། དགའ་མགུ་རང་བའི་སྒྲའི་བྲག་ཆ་འཁོར། ༣ ཁོང་གི་དྲང་བདེན་གྱིས་དབང་དུ་བྱེད། མི་རིགས་ཀྱིས་ར་འཕྲོད་པས། ཁོང་གི་གཟི་བརྗིད་ལས་དྲང་པོ་གནང་། ཁོང་གི་བྱམས་པ་ཡ་མཚན་ཆེ། ཁོང་གི་བྱམས་པ་ཡ་མཚན་ཆེ། ཁོང་གི་བྱམས་པ་ཡ་མཚན་ཤིན་ཏུ་ཆེ།།

    Joy to the World

  • ༡ གཙོ་བོ་ང་ཡི་རྫི་བོ་ལགས། ང་ལ་དགོས་པ་ཅི་ཡང་མེད། རྩྭ་ཁ་ཞིམ་སར་བསྙལ་བར་མཛད། ཆུ་མིག་བཟང་སར་འཁྲིད་པར་མཛད། ༢ ངའི་སེམས་གསོ་ཞིང་ཁོང་ཉིད་ཀྱི། མཚན་གྱི་ཕྱིར་དུ་ལམ་འཕྲེང་སྟོན། འཆི་ཉེན་ཡོད་སར་འགྲོ་དགོས་ཀྱང་། ང་ལ་འཇིགས་པ་གང་ཡང་མེད། ༣ དེ་ནི་ཅིའི་ཕྱིར་ཡིན་ཟེར་ན། ཁྱེད་ཉིད་ང་དང་མཉམ་དུ་བཞུགས། ཁྱེད་ཀྱི་ཕྱག་གི་ཕྱག་འཁར་དེ། ང་ཡི་སེམས་གསོ་ཡིན་པས་སོ། ༤ ངའི་དགྲའི་མདུན་སར་ཁྱེད་ཉིད་ཀྱིས། ང་ལ་དགའ་སྟོན་ཞིག་བཤམས་ནས། ངའི་མགོར་བྱིན་རླབས་ཀྱི་སྣུམ་བྱུགས། ང་ཡི་ཕོར་པ་ལུས་ཙམ་བཀང་། ༥ ཁྱེད་ཀྱི་བཀའ་དྲིན་དང་ཐུགས་རྗེ། ང་ལ་ཚེ་གང་གནས་པར་འགྱུར། ང་རང་གཙོ་བོའི་ཕོ་བྲང་ནང་། རྒྱུན་ནས་རྒྱུན་དུ་གནས་པར་འགྱུར།།

    The Lord is My Shepherd

  • ༡ མིག་བཏེག་ནས། ཞིང་ལ་ལྟོས་དང་། སྙེ་མ་དཀར་པོ་རེད་འདུག བཙས་མ་བརྔ་རན་ནོ། སོའོ་ཡ་ལ། སྙེ་མ་དཀར་པོ་རེད་འདུག བཙས་མ་བརྔ་རན་ནོ། འོ་གསན་རོགས་གནང་། ༢ མིག་བཏེག་ནས། སྟོན་ཐོག་བདེན་པར། མང་པོ་འདུག་ཀྱང་བཙས་མ་རྔ་མཁན་ཉུང་བ་འདུག སོའོ་ཡ་ལ། མང་པོ་འདུག་ཀྱང་བཙས་མ། རྔ་མཁན་ཉུང་བ་འདུག འོ་གསན་རོགས་གནང་། ༣ མིག་བཏེག་ནས། སྟོན་ཐོག་བདག་པོར། རྔ་མཁན་མང་པོ་གཏོང་གནང་། ཞུས་ནས་སྨོན་ལམ་འདེབས། སོའོ་ཡ་ལ། རྔ་མཁན་མང་པོ་གཏོང་གནང་། ཞུས་ནས་སྨོན་ལམ་འདེབས། འོ་གསན་རོགས་གནང་། ༤ ཡེ་ཤུ་ལ་གསན་རོགས་གནང་། འཇིག་རྟེན་ཀུན་ལ། སོང་ལ་མི་རྒྱུད་ཐམས་ཅད་ལ། དགའ་བའི་ལོན་ཤོད་ཅིག སོའོ་ཡ་ལ། སོང་ལ་མི་རྒྱུད་ཐམས་ཅད་ལ། དགའ་བའི་ལོན་ཤོད་ཅིག འོ་གསན་རོགས་གནང་།།

    Lift Up Your Eyes

  • ༡ མ་འོངས་པའི་གཞོན་ནུ་རྣམ་པ། འདོད་ཁམས་ཀྱི་འཇིག་རྟེན་ཡུལ་ལ། མི་རྟག་པའི་ནོར་ལ་མ་ཆགས། སེམས་ཁམས་འདི་དགྲ་བོས་གནན་ཡོང་། ༢ དུས་སྐབས་ཀྱི་སྤུན་ཟླ་རྣམ་པ། ཞི་བདེ་བའི་འཕྲིན་ཞིག་བཤད་དེ། གདོན་འདྲེ་ཡི་ལས་སྣ་ཚོགས་ནས། རྒྱངས་ཤིང་གི་དབང་གིས་རྒྱལ་སོང་། ཨ་་་ཨ་་་གཙོ་བོ་ཡེ་ཤུ་ཁོང་ཉིད། ཨ་་་ཨ་་་གདོན་འདྲེ་ཡི་དབང་ནས་རྒྱལ་སོང་། ༣ འཛམ་གླིང་ཁམས་ཀྱི་རྒྱལ་པོ། མི་རིགས་ཚང་མའི་སྐྱབས་གནས། མཐའ་མེད་ཐར་བའི་ལམ་སྟོན། དྲིན་ཆེན་ཡེ་ཤུ་ཡིན་ནོ། ཨ་་་ཨ་་་སྐྱབས་མགོན་མཐར་འདྲེན་ཡེ་ཤུ། ཨ་་་ཨ་་་ནམ་རྒྱུན་གསོན་པོར་བཞུགས་ཡོད།།

    Youth of the Future

  • བླ་མེད་དཀོན་མཆོག ཁྱེད་རང་ནང་བཞིན་སུ་ཡང་ཡོད་མ་རེད། ངས་ཁྱེད་རང་ལ་ཕྱག་འཚལ་གྱི་ཡོད། འདི་འདྲ་བྱས་ནས་དགའ་སྤྲོ་ཡོད། ཞི་བདེའི་རྒྱལ་སྲས། ཁྱེད་ནི་ང་ཡི་དྲང་བ་ཉིད། བླ་མེད་དཀོན་མཆོག ངས་ཁྱེད་རང་ལ་བསྟོད་པ་ཕུལ་གྱི་ཡོད།།

    I Worship You, Almighty God

  • Root/ trace

    61

    Praise God From Whom All Blessings Flow (Doxology)

    TBWorld

    བྱིན་རླབས་ཀྱི་དཀོན་མཆོག་ལ་བསྟོད་སྔོགས།	
    	འགྲོ་བ་ཚང་མས་ཁོང་ལ་བསྟོད་སྔོགས།		
    	ནམ་མཁའི་ཚོགས་ཀྱང་ཁོང་ལ་བསྟོད་སྔོགས།	
    	ཡབ་སྲས་དང་ཐུགས་ཉིད་ལ་བསྟོད་སྔོགས།།

    61

    Central Tibetan

    61

  • ༡ བེད་ཐན་ཡ་དང་ཉེ་བར་ཕེབས་པའི་ཚེ། རང་གི་ཉེ་གནས་གཉིས་ལ་བཀའ་གནང་ནས། ཁྱེད་ཅག་མདུན་ལ་ཡོད་པའི་ཡུལ་ཚོར་སོང་། བོང་བུ་ཐུར་པུ་བཏགས་པ་བཀྲོལ་ཁྲིད་ཤོག དཱ་བིད་རིགས་ཀྱི་སྲས་ལ་ཧོ་ཟན་ནཱ། གཙོ་བོའི་མཚན་ལ་བྱོན་པར་བཀྲ་ཤིས་ཤོག ༢ ༢ སུ་ཡིས་ཁྱེད་ལ་ཅིའི་ཕྱིར་འགྲོལ་ཟེར་ན། གཙོ་བོར་དགོས་སོ་སྨྲས་ན་ངེས་པར་གཏོང་། གསུངས་པ་བཞིན་དུ་ཉེ་གནས་གཉིས་པོས་ཀྱང་། ཡུལ་ཚོ་དེ་ལ་སོང་ནས་བོང་བུ་རྙེད། ༣ བགྲོལ་ནས་དེ་ཚོས་གོས་རྣམས་བོང་བུར་བཀལ། ཁྱེད་ཉིད་རྒྱལ་པོའི་ཚུལ་དུ་བོང་བུར་བཅིབས། ཉེ་གནས་རྣམས་ཀྱང་སྔ་ཕྱི་གཉིས་སུ་འབྲངས། ལག་ཏུ་ཁ་སུར་ཤིང་གི་ཡལ་ག་བཟུང་། ༤ སྔ་ཕྱི་གཉིས་སུ་ཡོད་པའི་མི་ཚོགས་ཀྱིས། རང་གི་གོས་དང་ཤིང་གི་ཡལ་ག་རྣམས། ལམ་དུ་བཀྲམ་ནས་སྐད་སྒྲ་ཆེན་པོ་ཡིས། ཧོ་ཟན་ནཱ་ཞེས་རྒྱུན་མི་ཆད་པར་བསྒྲགས། ༥ ཁྱེད་ཀྱིས་ཙི་ཡོན་བུ་མོ་རྣམས་ལ་སྨྲོས། ལྟོས་དང་ཁྱེད་ཀྱི་རྒྱལ་པོ་སེམས་དུལ་བས། བོང་བུ་འདི་ལ་བཅིབས་ནས་ཁྱེད་རྩར་ཕེབས། ལུང་བསྟན་བཞིན་དུ་བསྒྲུབ་ཕྱིར་དེ་ལྟར་བྱུང་།།

    Drawing Near To Bethany

  • ཤོག ཕེབས་ཤོག ཡེ་ཤུ་མཱ་ཤི་ཀ་ཕེབས་ཤོག ༢ ཉི་མ་ཤར་བ་འདྲ། ཁོང་ཕེབས་ཡོང་། ཐོག་བརྒྱབ་པ་འདྲ། ཁོང་ཕེབས་ཡོང་། གཟི་བརྗིད་ཆེན་པོའི་སེང་གེ ཁོང་ཕེབས་ཡོང་། ཁོང་ཕེབས་ཡོང་དུས་ས་འགུལ་བརྒྱབ། ཁོང་ཕེབས་ཡོང་དུས་གངས་རུད་བརྒྱབ། ཡེ་ཤུའི་ཆོས་ལུགས་པ་ཚང་མས་ཞུས་ནས། ཤོག ཕེབས་ཤོག ཡེ་ཤུ་མཱ་ཤི་ཀ་ཕེབས་ཤོག ། ༢

    Come, O Christians

  • Root/ trace

    54

    Have You Been To Jesus?

    TBWorld

    ༡	སྡིག་སེལ་ཞུ་བར་ཡེ་ཤུའི་རྩར་ཕྱིན་པ་ཡིན་ནམ།	
    	ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ།
    	ད་ལྟ་ཁོང་གི་ཐུགས་རྗེ་ལ་རེ་བ་སྐྱེད་དམ།
    	ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ།
    ཡེ་ཤུའི་སྐུ་ཁྲག་གི་ནང་།
    ཁྱེད་ཀྱི་སྡིག་པའི་སེམས་བཀྲུས་པ་ཡིན་ནམ།
    ཁྱེད་ཀྱི་གོས་རྣམས་ཁ་བ་ལྟར་དཀར་པོ་ཡོད་དམ།
    ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ།
    
    ༢	ཉི་མ་རྟག་པར་ཡེ་ཤུ་དང་མཉམ་དུ་འགྲོའམ།	
    	ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ།  
    	ཁོང་ལ་དུས་རྒྱུན་དུ་རེ་བ་སྐྱེད་ཀྱི་ཡོད་དམ།
    	ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ།
    
    ༣	མག་པ་ཕེབས་དུས་ཁྱེད་ཀྱི་གོས་དཀར་པོ་ཡོད་དམ།	
    	ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ།
    	ཁྱེད་ཀྱི་སེམས་ནམ་མཁའ་ལ་ཕྱིན་ཆོག་ཆོག་ཡིན་ནམ། 
    	ཡེ་ཤུའི་སྐུ་ཁྲག་ལ་བཀྲུས་པ་ཡིན་ནམ། 
    
    ༤	སྡིག་པའི་སྐྱོན་གྱིས་གོན་པའི་གོས་དེ་དབྱུག་ཞོག་དང་།	
    	ཡེ་ཤུའི་སྐུ་ཁྲག་ལ་ད་ལྟ་ཁྲུས་ཤིག
    	དེ་ཡི་ནང་འཁྲུད་མཁན་རྣམས་སྡིག་པ་དང་བྲལ་ཡོང་།
    	ཡེ་ཤུའི་སྐུ་ཁྲག་ལ་འཁྲུད་བྱེད་པར་ཤོག །

    E.A. Hoffmann

    1878

    54

    54

  • ༡ སྡིག་པ་ནས་ཐར་བའི་ལམ་གཅིག་ཡོད། ལམ་དེ་ནི་ཡེ་ཤུ་ཡིན། ༢ ང་མོས་ཞིང་ཁོང་གི་རྩར་འགྲོ་ན། ངའི་སྡིག་པ་རྣམས་སེལ་ཡོང་། ༢ ངས་དད་པ་བྱེད། ངས་དད་པ་བྱེད། ཡེ་ཤུ་ངའི་དོན་ལ་གྲོངས། ༢ ཁོང་གི་ཁྲག་གིས། རིན་ཆེན་ཁྲག་གིས། ང་སྡིག་པ་ནས་ཐར་བྱུང་། ༢ ༢ ལམ་གཅིག་ནས་སེམས་གསར་པ་ཐོབ་ཡོང་། ལམ་དེ་ནི་ཡེ་ཤུ་ཡིན། ༢ ངའི་སེམས་སྡིག་པས་ནག་པོ་བྱུང་ཡང་། ཁོང་གིས་དཀར་པོ་མཛད་ཡོང་། ༢ ༣ སྲོག་འཆི་བ་ནས་ཐར་ལམ་གཅིག་ཡོད། ལམ་དེ་ནི་ཡེ་ཤུ་ཡིན། ༢ ཁོང་གིས་མཚན་ལ་དད་མཁན་རྣམས་ལ། མཐའ་མེད་པའི་སྲོག་ཐོབ་ཡོང་། ༢ ༤ ལམ་གཅིག་ནས་ནམ་མཁའ་ལ་སླེབ་ཡོང་། ལམ་དེ་ནི་ཡེ་ཤུ་ཡིན། ༢ སྙིང་ནས་ཁོང་ལ་དད་པ་བྱེད་ན། ཁོང་གིས་ང་དེར་འདྲེན་ཡོང་། ༢ ངས་དད་པ་བྱེད། ངས་དད་པ་བྱེད། ཡེ་ཤུ་ངའི་དོན་ལ་གྲོངས། ༢ ཁོང་གི་ཁྲག་གིས། རིན་ཆེན་ཁྲག་གིས། ང་སྡིག་པ་ནས་ཐར་བྱུང་།། ༢

    There’s One Way of Salvation