• ༡ ངས་ཡེ་ཤུ་ལ་དད་པ་བྱེད་བཞིན་ཡོད། ཁོང་ནི་དཀོན་མཆོག་གི་སྲས་དེ་ཡིན། ཁོང་གྲོངས་པ་ནས་སླར་ཡང་གསོན་པ་རེད། ཁོང་གིས་ང་ལ་ཐར་པ་གནང་བ་རེད། ཁོང་ང་ཚོའི་དཀྱིལ་ལ་བཞུགས་ཡོད། ཚང་མའི་དཀྱིལ་ལ་ཡོད། ནད་ནས་དྲག་པའི་དབང་ཁོང་ལ་ཡོད། སྡིག་ཉེས་བསལ་བའི་དབང་ཡང་ཡོད། ༢ ངས་ཁྱེད་རང་ལ་དད་པ་བྱེད་བཞིན་ཡོད། ཁྱེད་ནི་དཀོན་མཆོག་གི་སྲས་དེ་ཡིན། ཁྱེད་གྲོངས་ནས་སླར་ཡང་གསོན་པ་རེད། ཁྱེད་ཀྱིས་ང་ལ་ཐར་པ་གནང་བ་རེད། ཁྱེད་ང་ཚོའི་དཀྱིལ་ལ་བཞུགས་ཡོད། ཚང་མའི་དཀྱིལ་ལ་ཡོད། ནད་ ནས་དྲག་པའི་དབང་ཁྱེད་ལ་ཡོད། སྡིག་ཉེས་བསལ་བའི་དབང་ཡང་ཡོད།

    I Believe in Jesus

  • ༡ ང་ཚོས་དགའ་བའི་འཕྲིན་བཟང་ཐོས། ཡེ་ཤུ་ནི་སྐྱབས་མགོན་ཡིན། འཕྲིན་འདི་མི་ཐམས་ཅད་ལ་ཤོད། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༢ འཕྲིན་འདི་ཡུལ་ཐམས་ཅད་ལ་ཤོད། རི་རྣམས་འཛེགས་ནས་ཆུ་རྣམས་རྒོལ། ད་འགྲོ་གཙོ་བོས་འབོད་བཞིན་འདུག ཡེ་ཤུ་ནི་སྐྱབས་མགོན་ཡིན། ༣ འཕྲིན་བཟང་འདི་རླུང་ནང་ལ་བསྐུར། ཡེ་ཤུ་ནི་སྐྱབས་མགོན་ཡིན། འཕྲིན་འདི་སྡིག་ཅན་ཀུན་ལ་ཤོད། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༤ མཚོ་ཡི་གླིང་རྣམས་གླུ་འདི་ལོངས། རྒྱ་མཚོའི་བྲག་ནས་བྲག་ཅ་འཁོར། འཇིག་རྟེན་འདི་བཀྲ་ཤིས་པར་འགྱུར། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༥ ལས་ཀ་བྱེད་བཞིན་གླུ་འདི་ལོངས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ཡེ་ཤུ་གྲོངས་ནས་སྡིག་ཉེས་བསལ། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༦ སྙིང་ལ་ཐུགས་རྗེ་ཐོབ་པའི་དོན། མཚན་མོའི་དུས་ཀྱང་གླུ་འདི་ལོངས། དུར་ནས་རྒྱལ་བའི་གླུ་འདི་ལོངས། ཡེ་ཤུ་ནི་སྐྱབས་མགོན་ཡིན། ༧ རླུང་གིས་ཀྱང་སྒྲ་ཆེན་པོ་སྒྲོགས། ཡེ་ཤུ་ནི་སྐྱབས་མགོན་ཡིན། མི་རྒྱུད་ཀུན་ལ་དགའ་སྤྲོ་སྐྱེད། ཡེ་ཤུ་ནི་སྐྱབས་མགོན་ཡིན།

    We Have Heard

  • ༡ ང་ཚོའི་ཡབ་ཆེན་དཀོན་མཆོག གང་འདྲའི་བྱམས་པ་གནང་སོང་། ཁོང་གིས་སྲས་གཅིག་ཡེ་ཤུ། འཇིག་རྟེན་འདི་ལ་གནང་སོང་། གང་འདྲའི་བྱམས་པ་ང་ལ་གནང་སོང་། གང་འདྲའི་བྱམས་པ་ཁྱོད་ལ་གནང་སོང་། ང་ལ་གནང་སོང་། ཁྱོད་ལ་གནང་སོང་། ༢ ང་ཚོའི་སྐྱབས་མགོན་ཡེ་ཤུ། ང་རང་འཚོལ་ལ་ཕེབས་བྱུང་། ང་རང་གཅིག་པོ་མ་རེད། ཁྱོད་ཀྱང་འཚོལ་ལ་ཕེབས་བྱུང་། གང་འདྲའི་བྱམས་པས་ང་རང་བཙལ་བྱུང་། གང་འདྲའི་བྱམས་པས་ཁྱོད་རང་བཙལ་བྱུང་། ང་རང་བཙལ་བྱུང་། ཁྱོད་རང་བཙལ་བྱུང་། ༣ ཁོང་གིས་རང་གི་སྐུ་སྲོག ང་ཡི་དོན་ལ་གནང་སོང་། ང་རང་གཅིག་པོ་མ་རེད། ཚང་མའི་དོན་ལ་གནང་སོང་། གང་འདྲའི་བྱམས་པ་ང་ལ་གནང་སོང་། གང་འདྲའི་བྱམས་པ་ཁྱོད་ལ་གནང་སོང་། ང་ལ་གནང་སོང་། ཁྱོད་ལ་གནང་སོང་། ༤ ང་ཡིས་དད་པ་བྱས་པས། ང་ལ་ཐར་བ་གནང་སོང་། ཁྱོད་ཀྱིས་དད་པ་བྱེད་ན། ཁྱོད་ཀྱང་ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་། དད་པ་བྱེད་ན། ཐར་བ་གནང་ཡོང་།

    Our Great Father God

  • ༡ ང་ཚོའི་མི་རིགས་སྤུན་ཟླ་རྣམ་པ་ཚོ། འཛམ་གླིང་བཟོ་བའི་དྲིན་ཆེན་དཀོན་མཆོག་ལ། བློ་སེམས་གཅིག་ཏུ་བསྒྲིལ་ནས་གསོལ་བ་འདེབས། ༢ ཐམས་ཅད་ཁོང་གི་ལམ་ལ་འགྲོ་བའི་དོན། ང་ཚོའི་མགོན་གཅིག་དཀོན་མཆོག་གི་སྲས་ཡེ་ཤུར། དུས་གསུམ་ཀུན་ལ་སྙིང་ནས་གསོལ་བ་འདེབས། སྐྱབས་མགོན་གཙོ་བོ་ཡེ་ཤུ། འཛམ་བུ་གླིང་ལ་འཁྲུངས་སོང་། ༢ ང་ཚོའི་སྡིག་སྒྲིབ་ཚང་མ། ཐམས་ཅད་ཁོང་གིས་བསལ་སོང་། ༢

    Our Brothers

  • ༡ ང་ཚོའི་སྙིང་ནས་བརྩེ་བའི། འདྲེན་པའི་སྐྱབས་མགོན་ཡེ་ཤུ། བློ་སེམས་གཅིག་ཏུ་གཏད་ནས། རེ་བའི་འབྲས་བུ་སྨིན་སོང་། ༢ ཁོང་ལ་དད་མོས་ཞུས་ནས། སྡིག་ཅན་མི་རིགས་ཀུན་གྱི། མེས་པོའི་རྒྱུད་ནས་བསགས་པའི། སྡིག་སྒྲིབ་ཚང་མ་བསལ་སོང་། འཛམ་གླིང་མི་རིགས་ཐམས་ཅད། སྡིག་པའི་གཡུལ་ལས་རྒྱལ་ཕྱིར། རང་གཤིས་རྙིང་པའི་སྡིག་པ། སྤངས་ནས་གཙོ་བོའི་དྲུང་དུ་འགྲོ་ཆོག ༢ ༣ ཡེ་ཤུར་འགྱོད་བཤགས་འབུལ་ན། ཁོང་གིས་སྲུང་སྐྱོབས་བྱེད་ངེས། ཡིད་འོང་ཅན་གྱི་ཞིང་ལ། འགྲོ་ན་བཀག་འགོག་མི་འདུག ༤ དགའ་དགའ་སྤྲོ་སྤྲོ་གནང་དང་། ཐར་བའི་ལམ་ལ་འགྲོ་ཆོག ཚེ་འདིར་སྣང་བ་སྐྱིད་པ། ཕྱི་མ་ཡབ་ཀྱི་དྲུང་དུ། དགའ་དགའ་སྤྲོ་སྤྲོ་ངང་ནས། ཡབ་ཆེན་དཀོན་མཆོག་མཇལ་ཡོང་། ཡེ་ཤུར་དད་མོས་ཞུས་པས། སྐྱེ་བ་གསར་པ་ཐོབ་བྱུང་། ༢

    Joy From Our Hearts

    27, 50

  • ༡ ང་ཚོའི་སྐྱབས་མགོན་ཡེ་ཤུ་རེད། འཛམ་བུ་གླིང་གི་དྲིན་ཆེན་རེད། ཁོང་ལ་དད་པ་བྱེད་ན་ནི། ཁོང་གིས་མི་ཚེ་གསར་པ་བཟོ། ༢ ང་ཚོས་ཁོང་ལ་དད་པ་བྱེད། ང་ཚོས་ཁོང་ལ་གསོལ་བ་འདེབས། ཁོང་གིས་ང་ཚོར་བྱིན་རླབས་གནང་། ང་ཚོར་མི་ཚེ་སྐྱིད་པོ་ཡོང་། ཀྱེ། དཀོན་མཆོག དཀོན་མཆོག དཀོན་མཆོག་གི་སྲས། སྐྱབས་མགོན། སྐྱབས་མགོན་ཡེ་ཤུ་རེད། ང་ཚོ་ཚང་མའི་སྐྱབས་མགོན་ཡེ་ཤུ་རེད། ༢ ༣ ཁྱེད་ཀྱི་སྐུ་ལུས་རིན་ཆེན་དེ། འཛམ་བུ་གླིང་གི་བུ་ལོན་དང་། ཐམས་ཅད་སྡུག་བསྔལ་སྐྱོབ་པའི་ཆེད། རང་སྲོག་ང་ཚོའི་དོན་ལ་གནང་། ༤ འཛམ་བུ་གླིང་གི་དཀོན་མཆོག་རེད། འཛམ་བུ་གླིང་གི་སྐྱབས་མགོན་རེད། ཚང་མས་ཁོང་ལ་བསྟོད་བསྔགས་བརྗོད། ཚང་མ་ཁྱོད་ཀྱིས་སེམས་ལ་བཟུང་།

    Jesus Is Our Saviour (2)

    63, 26

  • ༡ ང་ཚོའི་སྐྱབས་མགོན་ཡེ་ཤུ། ཁྱེད་ནི་གཟི་བརྗིད་ཆེན་པོ། ཁྱེད་ལ་དད་པ་བྱས་ནས། སེམས་ཀྱི་སྡུག་བསྔལ་བསལ་སོང་། ཁྱེད་ལ་དད་པ་བྱས་ནས། སེམས་ཀྱི་སྡུག་བསྔལ་བསལ་སོང་། ང་རང་གཅིག་པུ་མ་རེད། ཚང་མའི་སྡུག་བསྔལ་བསལ་སོང་། ༢ ༢ ང་ཚོའི་སྐྱབས་མགོན་ཡེ་ཤུ། ཅི་འདྲའི་སྙིང་རྗེ་ཆེན་པོ། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན། ང་ཚོའི་དོན་ལ་གནང་སོང་། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན། ང་ཚོའི་དོན་ལ་གནང་སོང་། དེའི་ཆེད་དུ་ང་ཚོ་ཚང་མས། ཁྱེད་ཀྱི་མདུན་ལ་བཀྲ་ཤིས་སྨོན་ལམ་ཞུ་རྒྱུ།། ༢

    Our Saviour Jesus

  • ༡ ང་ཚོ་ཡི་སྐྱབས་མགོན་ཡེ་ཤུ་རེད། ང་ཚོ་ཡི་ཡིད་ཆེས་ཡེ་ཤུ་རེད། ང་ཚོ་ཡིས་ཁོང་ལ་དད་པ་བྱེད་བཞིན་ཡོད་པ་རེད། དད་པ་བྱེད། ༢ ང་ཚོ་ཡི་གཟི་བརྗིད་ཡེ་ཤུ་རེད། ང་ཚོ་ཡི་མི་ཚེ་ཡེ་ཤུ་རེད། ཁོང་གིས་ང་ཚོ་ལ་བྱིན་རླབས་གནང་བ་རེད། གནང་བ་རེད། ༣ ང་ཚོ་ཡི་རེ་བ་ཡེ་ཤུ་རེད། ང་ཚོ་ཡི་དགའ་སྤྲོ་ཡེ་ཤུ་རེད། ཁོང་གིས་ང་ཚོ་ལ་བྱིན་རླབས་གནང་བ་རེད། གནང་བ་རེད། ཐུགས་རྗེ་ཆེ།

    Jesus Is Our Saviour (1)

  • ༡ ང་ཚོ་འདི་ལ་འཛོམས་འཛོམས། ཡབ་ཆེན་དཀོན་མཆོག་མཇལ་ཞིང་། ཁོང་ལ་བསྟོད་པར་འཛོམས་ཡོད། སོའོ་ཡ་ལ། ང་ཚོ་འདི་ལ་འཛོམས་འཛོམས་ལ། ༢ ༢ ཁོང་གི་བུ་དང་བུ་མོ། ཁྱིམ་གཅིག་ནང་བཞིན་ཚོགས་ན། ཡབ་ཆེན་དཀོན་མཆོག་ཕེབས་ཡོང་། སོའོ་ཡ་ལ། ང་ཚོའི་རྩ་ལ་ཕེབས་ཡོང་ལ། ༢ ༣ ཁོང་གི་མཚན་ལ་བསྟོད་ཅིང་། ཁོང་གི་བཀའ་ལ་ཉོན་དང་། གཙོ་བོ་ཡེ་ཤུ་འདིར་ཡོད། སོའོ་ཡ་ལ། ང་ཚོའི་རྒྱལ་པོ་ཕེབས་བྱུང་ལ། ༢

    We are Gathered Here

  • ༡ ངའི་མཉམ་དུ་གཙོ་བོ་ཡ་ཝཱེ་ལ། བསྟོད་པ་འབུལ་བར་བསླེབ་ཤོག མཉམ་གཅིག་ཏུ་ཁོང་གི་མཚན་ལ། ངའི་མཉམ་དུ་གཙོ་བོར་བསྟོད་པ་འབུལ་བར་ཤོག ༢ ཁྱོད་མཉམ་དུ་གཙོ་བོ་ཡ་ཝཱེ་ལ། བསྟོད་པ་འབུལ་བར་ཡོང་བཞིན་ཡོད། མཉམ་གཅིག་ཏུ་ཁོང་གི་མཚན་ལ། ཁྱོད་མཉམ་དུ་གཙོ་བོར་བསྟོད་པ་འབུལ་རྒྱུ་ཡིན།

    O Magnify the Lord with Me

  • སྒོ་གཅིག་རང་ཡོད་སྒོ་ལ་ཕྱི་ནང་གཉིས་ཡོད། ཕྱི་ལ་ནང་ལ་ཁྱོད་ག་ན་ཡོད། སྒོ་གཅིག་རང་ཡོད་སྒོ་ལ་ཕྱི་ནང་གཉིས་ཡོད། ང་ནང་ལ་བསྡད་ཡོད། ཁྱོད་ག་ན་ཡོད།

    There is just One Door

  • ༡ དགའ་བ་ལ་དང་། དགའ་བ་ལ། སྐྱིད་པ་ལ་དང་། སྐྱིད་པ་ལ། སྐྱབས་མགོན་གཙོ་བོ་ཡེ་ཤུ་ཡིས། ཉི་མ་གསར་པ་གནང་བ་རེད། ཐུགས་རྗེ་ཆེ་བཀའ་དྲིན་ཆེ། ང་ཚོའི་སེམས་གཏིང་ནས། ཁྱེད་ལ་བསྟོད་དབྱངས་འབུལ། ༢ ༢ དེ་རིང་ཉི་མ་འདི་ལ། བཀྲ་ཤིས་པ་ཡོང་བར་ཤོག ང་ཚོས་ཁྱེད་ལ་བསྟོད་བསྔགས་འབུལ་བཞིན་ཡོད། ང་ཚོ་ལ་བྱམས་པ་གནང་བ་རེད། ༣ སྐྱབས་མགོན་ཡེ་ཤུས་ང་ཚོ་ལ། སྡིག་པ་ནས་ཐར་པ་གནང་རོགས་གནང་། ང་ཚོའི་མི་ཚེ་སྐྱིད་པོ་ཡོང་རྒྱུ་ཡི། ང་ཚོ་ལ་བྱིན་རླབས་གནང་རོགས་གནང་།

    Joy, O Joy!