Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
༡ ནམ་མཁའི་ཞིང་ཁམས་སུ་བཞུགས་པའི། ང་ཚོའི་སྐྱབས་མགོན་ཡེ་ཤུ། ཁྱེད་ལ་དད་པ་བྱེད་པས། སེམས་ཀྱི་སྡུག་བསྔལ་བསལ་སོང་། ཁྱེད་ཀྱིས་སྐུ་ཁྲག་རིན་ཆེན། ང་ཚོའི་དོན་ལ་གནང་སོང་། ཁྱེད་ཀྱིས་མཛད་པ་དྲན་ཞིང་། དད་པ་སྙིང་ནས་སྐྱེས་སོང་། ང་ཚོའི་བོད་རིགས་སྤུན་ཟླ། སོ་སོའི་སྡིག་པ་བསལ་བའི་དོན། སྐྱབས་མགོན་ཡེ་ཤུར་དད་ན། ང་ཚོའི་སྡིག་པ་བསལ་ཡོང་། ༢ སྐྱིད་ཀྱང་ཡེ་ཤུ་སྐྱབས་མགོན། སྡུག་ཀྱང་ཡེ་ཤུ་སྐྱབས་མགོན། སྐྱིད་སྡུག་ཅི་འདྲ་བྱུང་ན་ཡང་། ཡེ་ཤུ་སྙིང་ནས་མ་བརྗེད། ཚེ་འདིའི་རིང་ལ་ཅི་དགོས། གཙོ་བོ་ཡེ་ཤུས་གནང་ཡོང་། ཕྱི་མ་ཐར་ལམ་ཐོབ་ཕྱིར། ཡེ་ཤུར་སྨོན་ལམ་ཐོབས་དང་། ང་ཚོའི་སྐྱབས་མགོན་ཡེ་ཤུ། བླ་ན་མེད་པའི་དཀོན་མཆོག ལུས་སེམས་གཉིས་ལ་བདེ་བའི། བྱིན་རླབས་ཁོང་གིས་གནང་ཡོང་།
Jesus Who Lives in Heaven
55
-
༡ སྡིག་སེལ་ཞུ་བར་ཡེ་ཤུའི་རྩར་ཕྱིན་པ་ཡིན་ནམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ད་ལྟ་ཁོང་གི་ཐུགས་རྗེ་ལ་རེ་བ་སྐྱེད་དམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ཡེ་ཤུའི་སྐུ་ཁྲག་གི་ནང་། ཁྱོད་ཀྱི་སྡིག་པའི་སེམས་བཀྲུས་པ་ཡིན་ནམ། ཁྱོད་ཀྱི་གོས་རྣམས་ཁ་བ་ལྟར་དཀར་པོ་ཡོད་དམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ༢ དུས་རྒྱུན་ནམ་ཡང་ཡེ་ཤུ་དང་མཉམ་དུ་འགྲོའམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ཁོང་ལ་དུས་རྒྱུན་དུ་རེ་བ་སྐྱེད་བཞིན་ཡོད་དམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ༣ མག་པ་ཕེབས་དུས་ཁྱོད་ཀྱི་གོས་དཀར་པོ་ཡོད་དམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ཁྱོད་ཀྱི་སེམས་ནམ་མཁའ་ལ་ཕྱིན་ཆོག་ཆོག་ཡིན་ནམ། ཡེ་ཤུའི་སྐུ་ཁྲག་ནང་བཀྲུས་པ་ཡིན་ནམ། ༤ སྡིག་པའི་སྐྱོན་གྱིས་འགོས་པའི་གོས་དེ་དབྱུག་ཞོག་དང་། ཡེ་ཤུའི་སྐུ་ཁྲག་ནང་ད་ལྟ་ཁྲུས་ཤིག དེའི་ནང་འཁྲུད་མཁན་རྣམས་སྡིག་པ་དང་བྲལ་ཡོང་། ཡེ་ཤུའི་སྐུ་ཁྲག་ནང་ཁྲུས་བྱེད་པར་ཤོག
Have You Been To Jesus?
54
-
༡ སྡིག་པ་ནས་ཐར་བའི་ལམ་གཅིག་ཡོད། ལམ་དེ་ནི་ཡེ་ཤུ་ཡིན། ༢ ང་དགའ་ཞིང་ཁོང་གི་རྩར་འགྲོ་ན། ངའི་སྡིག་པ་རྣམས་བསལ་ཡོང་། ༢ ངས་དད་པ་བྱེད། ངས་དད་པ་བྱེད། ཡེ་ཤུ་ངའི་དོན་ལ་གྲོངས། ༢ ཁོང་གི་ཁྲག་གིས། རིན་ཆེན་ཁྲག་གིས། ང་སྡིག་པ་ནས་ཐར་བྱུང་། ༢ ༢ ལམ་གཅིག་ནས་སེམས་གསར་པ་ཐོབ་ཡོང་། ལམ་དེ་ནི་ཡེ་ཤུ་ཡིན། ༢ ངའི་སེམས་སྡིག་པས་ནག་པོ་བྱུང་ཡང་། ཁོང་གིས་དཀར་པོ་མཛད་ཡོང་། ༢ ༣ སྲོག་འཆི་བ་ནས་ཐར་ལམ་གཅིག་ཡོད། ལམ་དེ་ནི་ཡེ་ཤུ་ཡིན། ༢ ཁོང་གིས་མཚན་ལ་དད་མཁན་རྣམས་ལ། མཐའ་མེད་པའི་སྲོག་འཐོབ་ཡོང་། ༢ ༤ ལམ་གཅིག་ནས་ནམ་མཁའ་ལ་བསླེབ་ཡོང་། ལམ་དེ་ནི་ཡེ་ཤུ་ཡིན། ༢ སེམས་ནས་ཁོང་ལ་དད་པ་བྱེད་ན། ཁོང་གིས་ང་དེར་འདྲེན་ཡོང་། ༢ ངས་དད་པ་བྱེད། ངས་དད་པ་བྱེད། ཡེ་ཤུ་ངའི་དོན་ལ་གྲོངས། ༢ ཁོང་གི་ཁྲག་གིས། རིན་ཆེན་ཁྲག་གིས། ང་སྡིག་པ་ནས་ཐར་བྱུང་། ༢
There’s One Way of Salvation
53
-
དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་རེད། ང་ཚོའི་ཡེ་ཤུ། འཛམ་བུ་གླིང་ལ་སྐྱིད་པའི་ཉི་མ་ཤར། ཡ་མཚན་དཀོན་མཆོག་སྲས་གཅིག མིའི་ཡུལ་ལ་འཁྲུངས། འཇིག་རྟེན་ཁམས་ཀྱི་སྐྱབས་གཅིག་ཡེ་ཤུ་གྲགས། ༡ འདྲེན་པའི་གཙོ་བོ་མཱ་ཤི་ཀ་ལ་བསྟོད། ང་ཚོའི་སྐྱབས་མགོན། བྱམས་དང་སྙིང་རྗེ་བརྩེ་བ་ཆེན་པོ་ཡིས། ང་ཚོའི་ཡེ་ཤུ། ཚང་མའི་དོན་དུ་རྒྱ་གྲམ་ཐོག་ལ་གྲོངས། ང་ཚོའི་ཡེ་ཤུ། ཉིན་ཞག་གསུམ་གྱི་རྗེས་ནས་སླར་ཡང་གསོན། ང་ཚོའི་ཡེ་ཤུ། འདི་ནས་དགའ་བའི་བསྟོད་དབྱངས་ཁོང་ལ་འབུལ། ༢ ཁོང་གིས་མཛད་པའི་སྙན་གྲགས་འཛམ་གླིང་འདིར། ང་ཚོའི་ཡེ་ཤུ། ཁོང་ནི་དཀོན་མཆོག་གཡས་སུ་བཞུགས་པའོ།། ང་ཚོའི་ཡེ་ཤུ། སླར་ཡང་འཛམ་གླིང་ཕེབས་རྒྱུའི་དམ་བཅའ་ཡོད། ང་ཚོའི་ཡེ་ཤུ། ཐམས་ཅད་མ་ནོར་བདེན་པའི་ལམ་དུ་ཤོག
Today is Your Birthday
-
དེ་རིང་ཉི་མ་འདི། དེ་རིང་ཉི་མ་འདི། གཙོ་བོས་བཀོད་པ་རེད། གཙོ་བོས་བཀོད་པ་རེད། ཉིན་མོ་འདི་ལ། ཉིན་མོ་འདི་ལ། ང་ཚོ་དགའ་ཞིང་། ང་ཚོ་སྐྱིད་པོ་བྱེད། དེ་རིང་ཉི་མ་འདི་གཙོ་བོས་བཀོད་པ་རེད། འདི་ལ་ང་ཚོ་དགའ་ཞིང་སྐྱིད་པོ་བྱེད། དེ་རིང་ཉི་མ་འདི། དེ་རིང་ཉི་མ་འདི། གཙོ་བོས་བཀོད་པ་རེད།
This Is The Day
-
༡ དུས་ཆེན་གྱི་མཆོག དགའ་སྤྲོ་ཡི་མཚན། ནམ་མཁའ་ནས། ཕོ་ཉ་ཞིག་གིས། ལུག་རྫི་རྣམས་ལ་ད་ཁྱོད་རྣམས་མ་སྐྲག ངས་དགའ་བ་ཆེན་པོའི་འཕྲིན་བཟང་ཞིག་བཤད། ཁྱོད་རྣམས་ལ་སྐྱབས་མགོན་ཞིག་འཁྲུངས། ༢ ༢ དུས་ཆེན་གྱི་མཆོག དགའ་སྤྲོ་ཡི་མཚན། ཕོ་ཉ་ཚོས། འདི་སྐད་དུ། སྟེང་གི་ནམ་མཁའི་དཀོན་མཆོག་ལ་བསྙེན་བཀུར། ས་གཞི་ཚང་མ་ལ་དུས་བདེ་བ་དང་། མི་རྣམས་ལ་ཐུགས་དགྱེས་པ་བྱུང་། ༢ ༣ དུས་ཆེན་གྱི་མཆོག དགའ་སྤྲོ་ཡི་མཚན། ང་ཚོ་ཡང་། དགའ་སྤྲོ་སྐྱེས། ངེད་ཀྱི་དོན་ལ་ཡང་འོད་ཟེར་དེ་བྱུང་། དེས་འོད་ཀྱིས་ངེད་ཀྱི་སེམས་ཁྱབ་པར་མཛད། ངེད་ཀྱི་ཕྱིར་སྐྱབས་མགོན་དེ་འཁྲུངས། ༢
Silent Night
-
༡ དམ་པའི་དམ་པ་མཁའ་ཁྱབ་འཇིག་རྟེན་མགོན། བདེ་བའི་ལམ་བཟང་གནང་བ་བདག་གིས་ཐོས། རང་གཤིས་རྙིང་པར་འདོད་བློ་མ་བྱུང་ཞིང་། སྣང་སེམས་བདེ་བ་གསར་འཚོལ་ཕྱོགས་སུ་གཡོ། ༢ གྲོག་མ་མིག་མེད་བདེ་བའི་དོན་དུ་རྒྱུག ས་འབུ་རྐང་མེད་བདེ་བའི་ཆེད་དུ་རྒྱུག མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས། གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག ༣ སྟོང་གསུམ་དཔལ་འབྱོར་ཐོབ་ཀྱང་མ་ཚིམས་པས། རྔམས་ཆེན་གཏོགས་འདོད་འབར་བའི་གྲགས་པ་ཅན། ཅང་ཤེས་སེམས་ཀྱི་བུ་ཆུང་ལྐུག་པ་འདིས། ཞི་བདེ་ཁྱབ་པའི་ནམ་མཁའི་རྒྱལ་སྲིད་འཚོལ། ༢ ༤ ཞི་བདེའི་རྒྱལ་པོ་ཨིམ་མཱ་ནུ་ཨེལ་པ། བདེན་མཆོག་དངོས་གཞི་དམ་པའི་ཐུགས་ཉིད་དོ། དམ་པའི་ཐུགས་ཉིད་མྱུར་དུ་སྩལ་དུ་གསོལ། བདག་གིས་ཁྱེད་ལ་རེ་བའི་བསྟོད་དབྱངས་འབུལ། ༢
Holiest Saviour Of The World
47
-
དམ་པ་དམ་པ་དམ་པ། དབང་ཤུགས་ལྡན་པའི་དཀོན་མཆོག ཁྱེད་ཀྱི་གཟི་བརྗིད་ས་དང་ནམ་མཁར་ཁེངས་སོང་། ༢ ཧོ་ཟན་ནཱ། ཧོ་ཟན་ནཱ། བླ་མེད་དཀོན་མཆོག་ལ་འབུལ། ༢
Holy, Holy, Holy Lord
46
-
14 ཀེ་རུ་བིམ་དང་སེ་ར་ཕིམ་ཞེས་པ་དེ་ཚོ་ནི་ནམ་མཁའི་རྒྱལ་སྲིད་ལ་བཞུགས་ཤིང་མིའི་མིག་གིས་མཐོང་མ་ཐུབ་པའི་དཀོན་མཆོག་ལ་ཞབས་ཕྱི་ཞུ་མཁན་གྱི་གོགནས་གཉིས་ཡིན། ༡ དམ་པ་དམ་པ་དམ་པ་ཀུན་དབང་གི་དཀོན་མཆོག ཐོ་རངས་སྔ་མོར་ང་ཚོས་ཁྱེད་ལ། བསྟོད་དབྱངས་འབུལ། དམ་པ་དམ་པ་དམ་པ་ཀུན་དབང་ཐུགས་རྗེའི་བདག་ཉིད། ཡབ་སྲས་ཐུགས་ཉིད་བྱིན་ལྡན་རྣམ་གསུམ་གཅིག་འདུས། ༢ དམ་པ་དམ་པ་དམ་པ་དམ་ཚོགས་རྣམས་ཀྱིས་ཁྱེད་ལ། གསེར་གྱི་ཅོད་པན་བཞུགས་ཁྲིའི་དྲུང་དུ། བཞག་ནས་རྟག་ཏུ། ཀེ་རུ་བིམ་དང་སེ་ར་ཕིམ་ཁྱེད་ལ་ཕྱག་འཚལ་ལོ། སྔར་ཡོད་ད་ལྟ་ཡོད་འབྱོར་བར་འགྱུར་བ་ལགས། ༣ དམ་པ་དམ་པ་དམ་པ་མུན་པས་ཁྱེད་བསྒྲིབས་ཤིང་། ཁྱེད་ཀྱི་གཟི་བརྗིད་སྡིག་ཅན་མིག་གིས་མཐོང་མི་ཐུབ་ཀྱང་། ཁྱེད་འདྲ་གཟི་བརྗིད་ཅན་དང་དམ་པ་གཞན་སུ་ཡང་མེད། བྱམས་བརྩེ་མཐུ་སྟོབས་དམ་པ་ཀུན་གྱི་མཆོག་གྱུར་ལགས། ༤ དམ་པ་དམ་པ་དམ་པ་ཀུན་དབང་གི་དཀོན་མཆོག རི་ཀླུང་འགྲོ་བ་ཚང་མས་ཁྱེད་ཀྱི་མཚན་ལ་བསྟོད་པར་ཤོག དམ་པ་དམ་པ་དམ་པ་ཀུན་དབང་ཐུགས་རྗེའི་བདག་ཉིད། ཡབ་སྲས་ཐུགས་ཉིད་བྱིན་ལྡན་རྣམ་གསུམ་གཅིག་འདུས།
Holy, Holy, Holy
45
-
༡ དང་པོ་ལ་འཇིག་རྟེན་འདི་ལ་སླེབས་དུས། ལ་ནི་སེམས་ནང་ལ་སྡུག་བསྔལ་གང་ཡོད། གཉིས་པར་སྐྱབས་མགོན་ཡེ་ཤུར་མཇལ་དུས། ལ་ནི་སེམས་ནང་གི་སྡུག་བསྔལ་བསལ་སོང་། གཉིས་པར་སྐྱབས་མགོན་ཡེ་ཤུར་མཇལ་དུས། ལ་ནི་སེམས་ནང་གི་སྡུག་བསྔལ་བསལ་སོང་། ༢ གཙོ་བོ་ལ་དད་པ་བྱེད་ན། ལ་ནི་ཐར་བ་ཚུར་ལ་གནང་ཡོང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། གཙོ་བོ་ལ་དད་པ་བྱེད་ན། ལ་ནི་ཐར་བ་ཚུར་ལ་གནང་ཡོང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། ༣ བྱ་དེ་ལ་ཁྲུང་ཁྲུང་དཀར་པོ། ལ་ནི་གཤོག་རྩལ་ང་ལ་གཡོར་དང་། གཤོག་རྩལ་ངོམ་བཞིན་ངོམ་བཞིན། ལ་ནི་འཕྲིན་བཟང་བཤད་དུ་འགྲོ་ཆོག གཤོག་རྩལ་ངོམ་བཞིན་ངོམ་བཞིན། ལ་ནི་ཡབ་ཆེན་དཀོན་མཆོག་དྲུང་དུ་འགྲོ་ཆོག གཙོ་བོ་ལ་དད་པ་བྱེད་ན། ལ་ནི་ཐར་བ་ཚུར་ལ་གནང་ཡོང་། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས། བླ་ན་མེད་པའི་དཀོན་མཆོག་ཁྱེད་ཀྱིས། ལ་ནི་ཁྱེད་ཀྱི་ལམ་བཟང་ང་ལ་སྟོན་རོགས།
When I First Arrived
68, 44
-
༡ དཀོན་མཆོག་གིས་སྲས་གཅིག་པོ་གནང་བ་ཙམ་དུ། འཇིག་རྟེན་ལ་བྱམས་པར་མཛད་པས། སུས་ཀྱང་དེ་ལ་དད་པ་བྱེད་ན། མཐའ་མེད་པའི་སྲོག་དེ་ཐོབ་ཡོང་།། ༢ བདེན་པ་ཉིད་ཅི་ཡིན་ཤེས་ནས་བདེན་པ་ཉིད་དེས། ཁྱོད་རང་ནི་ཐར་བར་འགྱུར་རོ།། དཀོན་མཆོག་གི་སྲས་ཀྱིས་ཁྱོད་ཐར་བར་བྱེད་ན། དངོས་ནས་ཐར་བར་འགྱུར་རོ།། ༣ མཱ་ཤི་ཀ་དང་མཉམ་དུ་ཤིང་རྒྱ་གྲམ་ཐོག ང་ནི་བརྐྱངས་པ་ཡིན་ན། ད་ལྟར་གནས་པ་དེ་ང་རང་མིན། མཱ་ཤི་ཀ་ངའི་སེམས་ལ་གནས་ཡོད།། ༤ མི་སུ་ཡང་སྐོམ་པ་དེ་ངའི་མདུན་དུ། ཚུར་ཤོག་ལ་འཐུང་ཞིག་དང་། སུས་ཀྱང་ང་ལ་དད་ན་ཁོང་ནས། དམ་པའི་ཐུགས་ཉིད་དེ་འབབ་ཡོང་།། ༥ རྟག་ཏུ་གཙོ་བོ་ལ་དགའ་བར་གྱུར་ཅིག ཡང་བསྐྱར་དགའ་བར་གྱུར་ཅིག ཡ་ཝཱེ་ལ་དགའ་བ་ནི་ཁྱོད་ཀྱི་སྟོབས་ཡིན་ནོ། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།།
Seek Ye First (2)
-
༡ དང་པོར་དཀོན་མཆོག་གི་རྒྱལ་སྲིད་དང་། རྣམ་དག་ཉིད་འཚོལ་ཞིག་དང་། དེ་ཐམས་ཅད་ཁྱོད་རྣམས་ལ་གནང་བར་འགྱུར། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།། ༢ མི་ནི་ཁ་ཟས་ཁོ་ནར་བརྟེན་ནས་འཚོ་བ་མིན། དཀོན་མཆོག་གི་ཞལ་ནས་འབྱུང་བའི། བཀའ་ཐམས་ཅད་ལ་བརྟེན་ནས་འཚོ་བ་ཡིན། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།། ༣ གསོལ་བ་ཡང་ཡང་ཐོབས་དང་འཐོབ་པར་འགྱུར། ཚོལ་ཞིག་དང་རྙེད་པར་འགྱུར་ངེས། སྒོ་རྡུངས་ན་སྒོ་དེ་ཕྱེ་བར་འགྱུར། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།། ༤ ཁྱོད་རྣམས་ཀྱི་འོད་དེ་མི་རྣམས་ཀྱི་མདུན་ལ། ཤར་དུ་བཅུག་དང་དེ་དག་གིས། ཁྱོད་ཚོས་བྱེད་པའི་ལས་བཟང་པོ་རྣམས་མཐོང་སྟེ། ཡབ་ཆེན་ལ་བསྟོད་པར་འགྱུར་རོ།། ༥ ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ་ཡཱ། ཧ་ལེ་ལོའུ། ཧ་ལེ་ལོའུ་ཡཱ།
Seek Ye First (1)