Songs
Resources for the songs
Celebration & SeasonsChildrenChristian LifeChristmasDanceEasterFaithFeaturedFolk SongFuneral and DeathGod FatherHopeInstrumentalJesus ChristKhammaps-no-listMarriageMission biographyMusicNewPrayerSalvationScriptureSongWorship
Amdo TibetanBuryatCentral TibetanChineseChinese PinyinDolpoDzongka Roman ScriptDzongkhaEnglishHindiHyolmoInner MongolianInstrumentalKham TibetanKhengkhaKoreanLepchaLhomiLowaLowa Roman ScriptMongolianNaabaNepaliNepali Roman ScriptNubriSekeSherpaSherpa Roman ScriptSikkimeseSpanishTibetanTibetan Roman ScriptTshangla
-
ཡེ་ཤུ་མཱ་ཤི་ཀ་ནི། ཁ་སང་དང་དེ་རིང་དང་། དུས་རྒྱུན་དུ་ནམ་ཡང་འགྱུར་བ་མེད། ཁ་སང་དང་དེ་རིང་དང་། དུས་རྒྱུན་དུ་ནམ་ཡང་འགྱུར་བ་མེད།
Jesus Christ
-
༡ ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། འཕྲིན་འདི་མི་ཐམས་ཅད་ལ་ཤོད། དེ་ཕྱིར་ང་ཚོ་ཡི་སྐྱབས་མགོན། འཇིག་རྟེན་འདི་ལ་ཕེབས་པ་ཡིན། ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཡང་ནས་ཡང་དུ་དགའ་བར་ཤོག ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། འཕྲིན་འདི་མི་ཐམས་ཅད་ལ་ཤོད། ༢ ཡེ་ཤུས་སྡིག་ཅན་རྣམས་བསྐྱབ་ཡོང་། ཁོང་ནི་ཁྱོད་འདྲེན་པར་བཞུགས་ཡོད། ཁྱོད་ཀྱིས་ཁོང་ལ་དད་པ་བྱེད་ན། ཁྱོད་ཀྱི་སྡིག་པ་རྣམས་བསལ་ཡོང་། ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཡང་ནས་ཡང་དུ་དགའ་བར་ཤོག ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། འཕྲིན་འདི་མི་ཐམས་ཅད་ལ་ཤོད། ༣ ཡེ་ཤུས་སྡིག་ཅན་རྣམས་འདྲེན་ཡོང་། ཤིན་ཏུ་བཙོག་པ་ཡིན་ན་ཡང་། འགྱོད་སེམས་བཅངས་ནས་ཡོང་ན་ནི། ཁོང་གིས་དེ་ལ་སོང་མི་གསུང་། ༤ ད་ལྟ་ཐར་བའི་ཉིན་མོ་ཡིན། ཐར་བའི་ཆུ་མིག་འབབ་བཞིན་འདུག སུ་ལ་དགོས་ན་དེས་འཐུང་ཆོག མཐའ་མེད་པའི་སྲོག་དེར་ཐོབ་ཡོང་། ༥ སྡིག་པ་སྤངས་ནས་ཚུར་ཤོག་ལ། ཁྱོད་ཀྱི་སེམས་ཡེ་ཤུ་ལ་ཕུལ། ངའི་རྩར་མགྱོགས་པོར་ཤོག་ཅིག་ཅེས། ཁོང་གིས་བྱམས་པའི་ངང་ནས་གསུངས།
Sinners Jesus will Receive
77
-
༡ ཡེ་ཤུ་ང་རྒྱ་གྲམ་རྩར་འདྲེན་རོགས། རིན་ཆེན་ཆུ་མིག་འབབ་བཞིན་འདུག རིན་མེད་གསོ་ཆུ་ཀུན་གྱི་ཕྱིར། ནམ་མཁའ་ནས་བཞུར་གྱིན་འདུག ཤིང་རྒྱ་གྲམ་ནང་། ཤིང་རྒྱ་གྲམ་ནང་། དགའ་སྤྲོ་རྒྱུན་ཆད་མེད་པ། ངའི་སེམས་ལ་ནམ་མཁའི་ཞི་བདེ། ཐོབ་རག་བར་ངས་སྒུག་ཡོང་། ༢ ངའི་སེམས་འདར་ཞིང་དེར་བཅར་བས། ཐུགས་རྗེ་དང་བྱིན་རླབས་ཐོབ། ཐོ་རངས་སྐར་ཆེན་བཀྲག་ཅན་གྱི། འོད་ཟེར་གྱིས་ང་ཁྱབ་བོ། ༣ ཀྱེ་ལུ་གུའི་ཤིང་རྒྱ་གྲམ་རྩར། ང་ལ་ཞལ་གཟིགས་ཤིག་གནོངས། ང་ཉིན་རེ་བཞིན་དུ་དེ་ཡི། གྲིབ་འོག་འགྲོ་བར་རོགས་གནོངས། ༤ གཙང་པོའི་ཕར་ཁའི་གསེར་འགྲམ་དེར། ང་རང་བསླེབ་རག་བར་དུ། བློ་གདེང་བསྐྱེད་ནས་ཤིང་རྒྱ་གྲམ་རྩར། ངས་བསྒུགས་ནས་སྡོད་རྒྱུ་ཡིན།
Jesus Keep Me Near the Cross
76
-
ཡེ་ཤུ་ངས་ཁྱེད་ལ་ཚང་མ་འབུལ་རྒྱུ་ཡིན། ཡེ་ཤུ་དཀོན་མཆོག་དྲང་པོ་ནི་གཅིག་ལས་མེད། ཁྱེད་གྲོངས་ནས་ཐར་པ་གནང་། ཁྱེད་རང་སྐུ་སླར་ཡང་གསོན། ཁྱེད་ཀྱི་ཞབས་དྲུང་དུ་ངས་ཕྱག་འཚལ་རྒྱུ་ཡིན།
Jesus, I Offer You All
75
-
༡ དམ་པའི་ཡབ་ཆེན་མཚན་ལ་བསྟོད་པར་ཤོག ཉིན་མཚན་མེད་པར་ཁོང་ལ་ཕྱག་འཚལ་གྱིས། འོད་ཟེར་ཞིང་ཁམས་དཀྱིལ་དུ་བཞུགས་པ་ཡི། ང་ཚོའི་ཡབ་ཆེན་ཁོང་ལ་བསྟོད་བསྔགས་འབུལ། ཡ་ཧོ་ཝ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ༢ རིན་ཆེན་སྐྱབས་མགོན་ཡེ་ཤུར་བསྟོད་པར་ཤོག རྒྱུན་ཆད་མེད་པར་ཁོང་ལ་བསྟོད་དབྱངས་ལེན། ཡབ་ཀྱི་ཕྱག་གཡས་སུ་བཞུགས་མཁན་དེ་ལ། ཁྱོད་ཀྱིས་ལག་པ་བརྐྱངས་ནས་བསྟོད་དབྱངས་ཕུལ། ༣ ཡབ་སྲས་ཐུགས་ཉིད་གསུམ་ལ་བསྟོད་པར་ཤོག སྐྱིད་གླུ་སྙན་འཇེབས་གཏིང་ནས་ཁོང་ལ་འབུལ། བདེན་པའི་མཆོད་པ་ཡིན་པའི་གསོན་པོ་དང་། ཡ་ཝཱེ་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། ཡ་ཧོ་ཝ་ལ་་་གཙོ་བོའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝ་ལ་་་ཡེ་ཤུའི་མཚན་ལ་བསྟོད་པར་ཤོག ཡ་ཧོ་ཝ་ལ། ཡ་ཧོ་ཝ་ལ། ཡ་ཧོ་ཝ་ལ། ཡ་ཧོ་ཝ་ལ།
Praise the Lord
74
-
འཛམ་བུ་གླིང་གི་ཕྲུ་གུ་ཀུན་ལ། ཡེ་ཤུས་བྱམས་པ་གནང་བཞིན་ཡོད། དམར་པོ་སེར་པོ་ནག་པོ་དཀར་པོ། དེ་ཚོ་ཅི་འདྲ་ཡིན་ན་ཡང་། ཁོང་གིས་ཚང་མ་ལ་བྱམས་པ་གནང་བཞིན་ཡོད།
Jesus Loves the Little Children
73
-
༡ གཙོ་བོས་ཅི་འདྲ་གསུངས་པ་བཞིན་དུ་མཛད་པར་ཤོག ༢ ང་ནི་གཙོ་བོའི་འཁོར་གཡོག་ཡིན། ངས་རང་ཉིད་གཙོ་བོ་ལ་འབུལ། གཙོ་བོས་ཅི་འདྲ་གསུངས། གཙོ་བོས་ཅི་འདྲ་གསུངས། གཙོ་བོས་ཅི་འདྲ་གསུངས་པ་བཞིན་དུ་མཛད་པར་ཤོག ༢ ང་ཡི་སེམས་ཀྱིས་གཙོ་བོར་བསྟོད་པ་འབུལ་བཞིན་ཡོད། ༢ ཁོང་ང་ཡི་སྐྱབས་མགོན་ཡིན། ངས་ཁོང་ལ་ཡི་རང་ཞུ། ང་ཡི་སེམས་ཉིད་ཀྱིས། ང་ཡི་སེམས་ཉིད་ཀྱིས། ང་ཡི་སེམས་ཀྱིས་གཙོ་བོར་བསྟོད་པ་འབུལ་བཞིན་ཡོད། ༣ བླ་མེད་དཀོན་མཆོག་ལ་དད་གུས་འབྱུང་བར་ཤོག ༢ ས་གཞིར་ཁོང་དགྱེས་པ་ཀུན་ལ། ཞི་བདེ་འོང་བར་ཤོག བླ་མེད་དཀོན་མཆོག་ལ། བླ་མེད་དཀོན་མཆོག་ལ། བླ་མེད་དཀོན་མཆོག་ལ་དད་གུས་འབྱུང་བར་ཤོག
Let It Be to Me According to Your Word
-
གཙོ་བོ་ཡེ་ཤུར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་ང་ལ་བྱམས་སོང་། གཙོ་བོ་ཡེ་ཤུར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་ང་ལ་བྱམས་སོང་། ༡ ཤིང་རྒྱ་གྲམ་ཐོག་ཕེབས་ནས། ངའི་དོན་ལ་གྲོངས་པ་རེད། ཁྱེད་རང་ང་ལ་བྱམས་སོང་། ༢ གཙོ་བོ་ཡེ་ཤུར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་ང་ལ་བྱམས་སོང་། ༢ ༢ དུར་ཁུང་ནས་སླར་ཡང་གསོན། མི་ཚེ་གསར་པ་དེ། ཁྱེད་ཀྱིས་ང་ལ་གནང་སོང་། ༢ གཙོ་བོ་ཡེ་ཤུར་ཐུགས་རྗེ་ཆེ་ཞུ། ཁྱེད་རང་ང་ལ་བྱམས་སོང་། ༢
Thank You, Jesus For Loving Me
71
-
གཙོ་བོ་ཡེ་ཤུའི་མཚན་ནས། ༢ ང་ཚོར་རྒྱལ་ཁ་ཡོད། གཙོ་བོ་ཡེ་ཤུའི་མཚན་ནས། ༢ བདུད་ཕར་འགྲོ་བ་རེད། ཡེ་ཤུའི་མཚན་ལ་བརྟེན་ནས་སྡོད་དུས། སུས་ང་ཚོ་དགག་ཐུབ་རྒྱུ་རེད། ཡེ་ཤུའི་མཚན་དང་ཡེ་ཤུའི་དབང་ནས། ང་ཚོར་རྒྱལ་ཁ་ཡོད།
In the Name of Jesus
70
-
༡ གཙོ་བོ་ཡེ་ཤུའི་མཚན་ཆེ་ཤོས་རེད། ༢ མཚན་ཐམས་ཅད་ཀྱི་དཀྱིལ་ལ། ནམ་མཁའ་ནས་དང་སའི་སྟེང་ནས། གཙོ་བོ་ཡེ་ཤུའི་མཚན་ཆེ་ཤོས་རེད། ༢ ༢ གཙོ་བོ་ཡེ་ཤུའི་མཚན་སྙན་ཤོས་རེད། ༢ མཚན་ཐམས་ཅད་ཀྱི་དཀྱིལ་ལ། ནམ་མཁའ་ནས་དང་སའི་སྟེང་ནས། གཙོ་བོ་ཡེ་ཤུའི་མཚན་སྙན་ཤོས་རེད། ༢ ༣ གཙོ་བོ་ཡེ་ཤུའི་མཚན་མཐོ་ཤོས་རེད། ༢ མཚན་ཐམས་ཅད་ཀྱི་དཀྱིལ་ལ། ནམ་མཁའ་ནས་དང་སའི་སྟེང་ནས། གཙོ་བོ་ཡེ་ཤུའི་མཚན་མཐོ་ཤོས་རེད། ༢ ༤ གཙོ་བོ་ཡེ་ཤུའི་མཚན་དབང་ཤོས་རེད། ༢ མཚན་ཐམས་ཅད་ཀྱི་དཀྱིལ་ལ། ནམ་མཁའ་ནས་དང་སའི་སྟེང་ནས། གཙོ་བོ་ཡེ་ཤུའི་མཚན་དབང་ཤོས་རེད། ༢
Jesus’ Name is the Greatest
69
-
༡ གཙོ་བོ་ཕེབས་བྱུང་འཇིག་རྟེན་དགའ་བར་གྱིས། འཛམ་གླིང་རྒྱལ་མཆོག་སྤྱན་དྲོངས། ཀུན་གྱིས་ཡིད་སེམས་གྲ་སྒྲིག་གྱིས་ཤིག ཕོ་ཉ་དང་མིས་མགུར་ལེན། ཕོ་ཉ་དང་མིས་མགུར་ལེན། ཕོ་ཉ་དང་མི་ཡིས་མགུར་གླུ་ལེན། ༢ སྐྱབས་མགོན་དབང་མཛད་ཐམས་ཅད་དགའ་བར་གྱིས། མི་རྣམས་ཀུན་གྱིས་གླུ་ལེན། དེ་དུས་རི་ཐང་ཆུ་བོ་དང་བྲག དགའ་མགུ་སྒྲ་ཡི་བྲག་ཆ། དགའ་མགུ་སྒྲ་ཡི་བྲག་ཆ། དགའ་མགུ་རང་བའི་སྒྲའི་བྲག་ཅ་འཁོར། ༣ ཁོང་གི་དྲང་བདེན་གྱིས་དབང་སུ་མཛད། མི་རིགས་ཀྱིས་ར་འཕྲོད་པས། ཁོང་གི་གཟི་བརྗིད་ལས་དྲང་པོ་གནང་། ཁོང་གི་བྱམས་པ་ཡ་མཚན་ཆེ། ཁོང་གི་བྱམས་པ་ཡ་མཚན་ཆེ། ཁོང་གི་བྱམས་པ་ཡ་མཚན་ཤིན་ཏུ་ཆེ།
Joy to the World
-
༡ གཙོ་བོ་ང་ཡི་རྫི་བོ་ལགས། ང་ལ་དགོས་པ་ཅི་ཡང་མེད། སྔོ་ལྗང་སྤང་ལ་བསྙལ་བ་དང་། ཆུ་མིག་གཙང་མོའི་འགྲམ་དུ་འཁྲིད། ༢ ངའི་སེམས་གསོ་ཞིང་ཁོང་ཉིད་ཀྱི། མཚན་གྱི་ཕྱིར་དུ་ལམ་འཕྲེང་སྟོན། འཆི་ཉེན་ཡོད་སར་འགྲོ་དགོས་ཀྱང་། ང་ལ་འཇིགས་པ་ཅི་ཡང་མེད། ༣ དེ་ནི་ཅིའི་ཕྱིར་ཡིན་ཟེར་ན། ཁྱེད་ཉིད་ང་དང་མཉམ་དུ་བཞུགས། ཁྱེད་ཀྱི་ཕྱག་གི་ཕྱག་འཁར་དེ། ང་ཡི་སེམས་གསོ་ཡིན་པས་སོ། ༤ ངའི་དགྲའི་མདུན་དུ་ཁྱེད་ཉིད་ཀྱིས། ང་ལ་གསོལ་སྟོན་ཞིག་བཤམས་ནས། ངའི་མགོར་འབྲུ་ཡི་མར་གྱིས་བྱུགས། ང་ཡི་ཕོར་བ་བཀང་ནས་མེར། ༥ ཁྱེད་ཀྱི་བྱམས་པ་དང་ཐུགས་རྗེ། མི་ཚེ་གང་བར་ང་ལ་ཡོད། ང་རང་གཙོ་བོའི་ཕོ་བྲང་ནང་། རྒྱུན་ནས་རྒྱུན་དུ་གནས་པར་འགྱུར།
The Lord is My Shepherd