Root/ trace
151
By Your Precious Blood
༡ ང་ཡི་སྐྱབས་མགོན་ཡེ་ཤུ། ད་ལྟ་ང་ཁྱེད་ཀྱི་མདུན་དུ་ཡོང་བཞིན་ཡོད། ཁྱེད་ཀྱི་སྐུ་ལུས་ཡིན་པའི་བག་ལེབ་འདི། ང་ལ་གནང་བར་མཛོད། སྡིག་པས་ཁེངས་ཡོད་པའི་ངའི་སེམས། ད་ལྟ་ངས་འགྱོད་བཤགས་འབུལ་རྒྱུ་ཡིན། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན་བརྒྱུད་ནས། ངའི་སྡིག་པ་བསལ་རོགས་གནང་། ༢ ང་ཡི་སྐྱབས་མགོན་ཡེ་ཤུ། ད་ལྟ་ང་ཁྱེད་ཀྱི་མདུན་དུ་ཡོང་བཞིན་ཡོད། ཁྱེད་ཀྱི་སྐུ་ཁྲག་ཡིན་པའི་ཕོར་པ་འདི། ང་ལ་གནང་བར་མཛོད། སྡིག་པས་ཁེངས་ཡོད་པའི་ངའི་སེམས། ད་ལྟ་ངས་འགྱོད་བཤགས་འབུལ་རྒྱུ་ཡིན། ཁྱེད་ཀྱི་སྐུ་ཁྲག་རིན་ཆེན་བརྒྱུད་ནས། ངའི་སྡིག་པ་བསལ་རོགས་གནང་།
David Jigme
2006
Central Tibetan
151
151