Root/ trace

Christmas Greetings: Warm Greetings In Celebration Of The Saviour Jesus’ Birthday!

TBWorld

དེ་རིང་ཚེས་བཟང་དུས་བཟང་ག་རེ་རེད་པས། ལ་འོ་ན།
སྐྱབས་མགོན་ཡེ་ཤུའི་འཁྲུངས་སྐར་དུས་ཆེན་རེད། དགའ་བ་ལ།
དེ་རིང་སྐྱབས་མགོན་ཡེ་ཤུ་འཛམ་གླིང་འདི་རུ་འཁྲུངས་པ་རེད།
དེ་འདྲིའི་སྐྱིད་པ་ལ། ལུག་རྫི་རྣམས་ཀྱིས་ཁོང་ལ་མཇལ་བར་ཕྱིན་སོང་།

དེ་རིང་དུས་བཟང་འདི་ལ་ལུག་རྫིས་ག་རེ་ཕུལ་སོང་། ལ་འོ་ན།
ལུག་རྫིས་ཁོང་ལ་བསྟོད་དབྱངས་མང་པོ་ཕུལ་སོང་། དགའ་བ་ལ།
དེ་རིང་སྐྱབས་མགོན་ཡེ་ཤུ་འཛམ་གླིང་འདི་རུ་འཁྲུངས་པ་རེད།
དེ་འདྲིའི་སྐྱིད་པ་ལ། མཁས་པ་གསུམ་གྱིས་ཁོང་ལ་མཇལ་བར་ཕྱིན་སོང་།

དེ་རིང་དུས་བཟང་འདི་ལ་མཁས་པས་ག་རེ་ཕུལ་སོང་། ལ་འོ་ན།
མཁས་པས་ཁོང་ལ་གསེར་དངུལ་མང་པོ་ཕུལ་སོང་། དགའ་བ་ལ།
དེ་རིང་སྐྱབས་མགོན་ཡེ་ཤུ་འཛམ་གླིང་འདི་རུ་འཁྲུངས་པ་རེད།
དེ་འདྲིའི་སྐྱིད་པ་ལ། 
ཡ་གི་གནམ་གྱི་གུང་ལ་ཕོ་ཉ་མང་པོ་འཛོམས་པ་རེད།

དེ་རིང་དུས་བཟང་འདི་ལ་ཕོ་ཉས་ག་རེ་ཕུལ་སོང་། ལ་འོ་ན།
ཕོ་ཉས་ཁོང་ལ་སྙན་པའི་གླུ་དབྱངས་ཕུལ་སོང་། དགའ་བ་ལ།
དེ་རིང་སྐྱབས་མགོན་ཡེ་ཤུ་འཛམ་གླིང་འདི་རུ་འཁྲུངས་པ་རེད།
དེ་འདྲིའི་སྐྱིད་པ་ལ། དེ་རིང་ང་ཚོ་ཁོང་ལ་མཇལ་ཁ་འགྲོ་དགོས་རེད།

དེ་རིང་དུས་བཟང་འདི་ལ་ང་ཚོས་ག་རེ་འཕུལ་དགོས་རེད། ལ་འོ་ན།
ང་ཚོ་རང་གི་སེམས་པ་ཁོང་ལ་འཕུལ་དགོས་རེད། དགའ་བ་ལ།
དེ་རིང་སྐྱབས་མགོན་ཡེ་ཤུ་འཛམ་གླིང་འདི་རུ་འཁྲུངས་པ་རེད།
དེ་འདྲིའི་སྐྱིད་པ་ལ། 
དེ་རིང་སྐྱབས་མགོན་ཡེ་ཤུ་འཁྲུངས་པའི་དུས་ཆེན་རེད།

Pala Nyima Tsering (Author), The Tibetan Christian Society (Producer), Crimson Worship (Producer)

Central Tibetan

2020

Christmas

Leave a Reply