Root/ trace

Beatitudes

TBWorld

ཡང་ཁོང་གིས་ཁོ་རྣམས་ལ་ཆོས་བསྟན་ཏེ་གསུངས། 

སེམས་རྒྱུད་དབུལ་རྣམས་བདེ་བ་དང་ལྡན་ཏེ། 
དཀོན་མཆོག་རྒྱལ་སིད་ཁོང་ཚོའི་ཡིན་པས་སོ།
མྱ་ངན་ཅན་རྣམས་བདེ་བ་དང་ལྡན་ཏེ། 
ཁོ་ཚོར་སེམས་གསོ་འཐོབ་ངེས་ཡིན་པས་སོ། 
ཁོ་ཚོར་སེམས་གསོ་འཐོབ་ངེས་ཡིན་པས་སོ། 

སྙེམས་ཆུང་བ་རྣམས་བདེ་བ་དང་ལྡན་ཏེ། 
ཁོ་ཚོ་ས་གཞིའི་བདག་པོར་འགྱུར་ངེས་ཡིན།
བཀྲེས་སྐོམ་ཅན་གི་དྲང་བདེན་མི་དེ་རྣམས། 
བདེ་བ་ཡིན་ཏེ་བློ་ཡིད་ཚིམ་པས་སོ།
བདེ་བ་ཡིན་ཏེ་བློ་ཡིད་ཚིམ་པས་སོ།

སྙིང་རྗེ་ཅན་གྱི་མི་རྣམས་བདེ་བ་སྟེ།
ཁོ་ཚོར་སྙིང་རྗེ་ངེས་པར་འཐོབ་པས་སོ།
ལྷད་མེད་སེམས་བཟང་ཅན་དག་བདེ་བ་སྟེ། 
ཁོ་ཚོས་དཀོན་མཆོག་མཇལ་བར་འགྱུར་བས་སོ།
ཁོ་ཚོས་དཀོན་མཆོག་མཇལ་བར་འགྱུར་བས་སོ།

འདུམ་སྒྲིག་མཁན་རྣམས་བདེ་བ་དང་ལྡན་ཏེ། 
ཁོ་ཚོར་དཀོན་མཆོག་སྲས་ཞེས་འབོད་པར་འགྱུར། 
དྲང་བདེན་ཉིད་ཕིར་འཚེ་བ་ཕོག་པ་རྣམས། 
དཀོན་མཆོག་རྒྱལ་སིད་ཁོ་ཚོའི་ཡིན་པས་བདེའོ།
དཀོན་མཆོག་རྒྱལ་སིད་ཁོ་ཚོའི་ཡིན་པས་བདེའོ།  འ་མེན།།

Central Asia Publishing (Publisher)

Central Tibetan

2021

Leave a Reply