Root/ trace

83

He Who Saves His Life

TBWorld

༡ རང་སྲོག་སྐྱོབ་མཁན་དེས།
   རང་སྲོག་བརླག་པར་འགྱུར།
   ངའི་དོན་དུ་རང་སྲོག་འདོར་མཁན་དེ།
   རང་སྲོག་སྐྱོབ་པར་འགྱུར།
        ངའི་རྗེས་སུ་འབྲང་བར།
        འདོད་པ་ཡོད་ན།
        བདག་འཛིན་སྤོངས་ལ་རང་གི
        ཤིང་རྒྱ་གྲམ་འཁུར་ལ་ཤོག
༢ ཆེན་པོར་འགྱུར་འདོད་པ་དེ།
   ཞབས་ཕྱི་རུ་འགྱུར་དགོས་ཤིང་།
   དང་པོར་འགྱུར་འདོད་པ་དེ་ནི།
   ཀུན་གྱི་གཡོག་པོ་ཡིན།
        ངའི་རྗེས་སུ་འབྲང་བར།
        འདོད་པ་ཡོད་ན།
        བདག་འཛིན་སྤོངས་ལ་རང་གི
        ཤིང་རྒྱ་གྲམ་འཁུར་ལ་ཤོག
༣ མཱ་ཤི་ཀ་ནི་འཇིག་རྟེན་ལ།
   ཞབས་ཕྱི་ཐོབ་པར་མིན་ཏེ།
   ཞབས་ཕྱི་སྒྲུབ་ཅིང་མང་པོའི་ཚབ་ལ།
   རང་སྲོག་ཕུལ་བར་ཕེབས་བྱུང་།

Lonam

83

Kham Tibetan

83

Scripture

Leave a Reply